您的位置: 首页 >甘图动态>详细内容

陇右撷珍100|《般若波罗蜜多十万颂·第三卷》(九至十世纪藏文写本)——国家珍贵名录古籍

来源: 发布时间:2026-07-23 09:39:01 浏览次数: A- A+

《般若波罗蜜多十万颂·第三卷》(藏文名:shes-rab-kyi-pha-rol-du-phyin-pa-stong-phrag-brgya-pa-pod-ga-ba)为九至十世纪吐蕃统治敦煌时期藏经洞出土藏文写本,现藏甘肃省图书馆,入选第四批《国家珍贵古籍名录》(名录编号:11084)。它是现存年代久远的纸质藏文典籍实物,也是见证中华民族多元一体格局形成的一手实物史料。

该写本采用黄麻纸,标准梵夹装,通长73.5厘米、高20.5厘米,乌丝栏规整界格,双面抄写,每页十二行,硬笔左行横书,全卷共1128页。尤为珍贵的是,部分写本保留着抄经者、校对者及复校者题记——如GL.t.0095记载“令狐憨子抄,法明校,达木先三校”,题记中汉式人名与吐蕃僧人名并存,记录多人分工抄写、多层校勘的完整流程,直观展现多族群携手抄校佛经的历史场景,为各民族文化交融留存了直观的文字见证。

写本所用黄麻纸纤维紧实、耐腐耐久,历经千年流转整体保存完好,墨迹、栏格、手写题记清晰无损,大面积破损、字迹漫漶情况极少,是研究唐代西北手工造纸工艺、吐蕃梵夹装文书形制的完整实物标本。文本标准化的古典藏文字形,是梳理古藏文演化脉络、还原吐蕃译经语言体系的“活化石”。这件跨越千年的敦煌藏文古籍,价值早已超越宗教文本本身,既见证了丝绸之路上多元文明共生互鉴的历史进程,卷内多族群协同抄校的文字记录,更是汉藏文化互学互通的鲜活物证。作为印证铸牢中华民族共同体意识的核心馆藏史料,完好的千年纸页、体系规范的古藏文、记录多民族协作的题记三者相互印证,清晰勾勒出各民族长久交往、交流、交融的绵长脉络。

 

 

གནའ་དཔེ་ངོ་སྤྲོད།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བོད་ག་པ།

དུས་རབས་དགུ་བ་ནས་བཅུ་བར་གྱི་བྲིས་མ།

རྒྱབ་ཁབ་རྩ་ཆེའི་གནའ་དཔེ་མིང་མཛོད།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ནི་བོད་བརྒྱུད་ནང་བསྟན་གྱི་གཞུང་ལུགས་ཁྲོད་ཀྱི་ཆེས་གལ་འགངས་ཆེ་བའི་གསུང་རབ་ཅིག་ཡིན། དེ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེ་རྣམས་ཀྱི་ནང་ནས་རྒྱས་ཤོས་དེ་ཡིན་ལ། དེའི་ནང་དོན་གཙོ་བོ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་དང་ལམ་གྱི་རིམ་པ། དེ་བཞིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཟབ་མོའི་དོན་རྣམས་རྒྱས་པར་བསྟན་ཡོད།

གཞུང་འདིའི་ལྡེབ་ངོས་སུ་ཐིག་ཕྲེང་བཅུ་གཉིས་ཡོད་ལ། སྲོལ་རྒྱུན་གྱི་སྣ་རིང་སྐྱ་བྲིས་ཞིག་ཡིན། པར་གཞིའི་སྲིད་ལ་ལི་སྨི་73.5དང་།ཞེང་ལ་ལི་སྨི་20.5ཡོད། བསྡོམས་པས་ཤོག་གྲངས་1128 བཞུགས་། ད་ལྟ་ཀན་སུའུ་ཞིང་ཆེན་དཔེ་མཛོད་ཁང་དུ་བཞུགས་ལ། རྒྱབ་ཁབ་རྩ་ཆེའི་གནའ་དཔེ་མིང་མཛོད་ཁག་བཞི་བའི་ནང་དུ་ཚུད་ཡོད། ཨང་རྟགས་11084ཡིན། གཞུང་དུ་ད་རུང་གཉིསུ་མྱེད་དོ་ཞེས་གཉིས་སུ་ཞེས་པའི་བསྐུང་ཡིག་དང་མེད་པ་སོགས་དང་འདྲ་བའི་བརྡ་རྙིང་གི་འབྲི་ཚུལ་མང་པོ་བཀོད་འདུག  གཞན་ད་རུང་མཇུག་བྱང་སུ་གཞུང་འདི་འབྲི་མཁན་དང་ཞུ་མཁན་སོགས་གསལ་པོ་བཀོད་ཡོད་དེ། དཔེར་ན་GL.t.0095རུ་ལེང་ཧོ་ཞུན་ཙེ་བྲིས། ཕབ་མེན་ཡང་ཞུས། དམ་ཤན་སུམ་ཞུས་ཞེས་གསལ་བོ་བཀོད་ཡོད། སྐབས་དེའི་ཡིགེའི་འབྲི་སྟངས་དང་ལོ་ཙཱའི་ལམ་ལུགས་སོགས་མཚོན་ཐུབ་པས། ཡི་གེའི་འགྱུར་བ་དང་ལོ་ཙཱའི་ལོ་རྒྱུས་སོགས་ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན།

གཞུང་འདི་ནི་ཀྲུང་གོའི་བོད་བརྒྱུད་ནང་བསྟན་གྱི་རིག་གནས་ལོ་རྒྱུས་ཐོག་གི་དཔང་རྟགས་གལ་ཆེན་ཞིག་ཡིན་པ་མ་ཟད།  དེ་ནི་བོད་ཀྱི་ལོ་རྒྱུས་ཐོག་གི་བསྟན་པ་སྔ་དར་གྱི་དུས་སྐབས་སུ་བོད་ཀྱི་རིག་གནས་དང་ཆོས་ལུགས་གོང་འཕེལ་བྱུང་ཚུལ་མཚོན་པའི་དངོས་པོ་གལ་ཆེན་ཞིག་ཡིན་ལ། ཀྲུང་གོའི་མི་རིགས་ཁག་གི་རིག་གནས་བརྗེ་རེས་དང་འབྲེལ་འདྲིས་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པར་རིན་ཐང་བྲལ་བའི་དཔྱད་གཞིའི་ཡིག་ཆ་ཞིག་ཀྱང་ཡིན། མདོར་ན། གཞུང་འདི་བོད་ཀྱི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་ཟད། ཀྲུང་གོའི་རིག་གནས་སྤྱི་ཡོངས་ཀྱི་ཆ་ཤས་གལ་ཆེན་ཞིག་ཡིན། དེ་ནི་ང་ཚོས་མི་རིགས་མཐུན་སྒྲིལ་དང་རིག་གནས་རྒྱུན་འཛིན་བྱེད་པའི་དཔང་རྟགས་གལ་ཆེན་ཞིག་ཏུ་གྱུར་ཡོད།

 

 

c36abf5413de473d896e0ae555500027.png

7d638e18ed4848d682e46a35b03f2089.png

b36df5a05bae45fe808ed737c005dd86.png

文/周毛克   图/刘芃泽

分享到:
【打印正文】