陇右撷珍98:大乘无量寿宗要经(九至十世纪敦煌藏文写本)——国家珍贵古籍名录
《大乘无量寿宗要经》(藏文名:tse-dpag-du-myed-pa-zhes-bya-ba-theg-pa-chen-povi-mdo)是大乘佛教净土宗核心经典。本卷为敦煌藏经洞出土藏文写本,抄写于九至十世纪吐蕃统治敦煌时期,现藏甘肃省图书馆,入选第四批《国家珍贵古籍名录》(编号11082)。写本为麻纸卷轴装,通长160厘米、高31厘米,通篇乌丝栏界格,每纸分二栏,栏间距1.5厘米,每栏书写18行,以硬笔左行书写,为一卷多遍抄写本,全卷共抄32遍。写本首尾完整,留存多处抄写、校勘题记,GL.t.0019记载记载“福义校、贝却乎二校、高多赞抄、法藏三校”等信息,真实反映了当时严谨规范的佛经校勘与传写制度。
本品递藏有序、钤印清晰,卷首与卷尾钤有孔宪廷朱文小方印,卷背钤有冯国瑞朱文方印;卷尾有邓隆1928年题跋,旁钤其阴文方印。此经原为邓隆私藏,后由其捐赠至甘肃省公立图书馆入藏,印主均为近代西北著名学者与鉴藏家。这些印记与题跋,既见证了写本的近现代流传历程,也彰显了其重要的学术与鉴藏价值。
作为敦煌遗书的重要组成部分,兼具文献、版本、书法多重研究价值,更是见证各民族交往交流交融、铸牢中华民族共同体意识的珍贵实物。作为吐蕃时期的传世典籍,它为研究汉藏文化交流与佛经传播提供了一手史料,有效弥补了早期藏文佛教文献遗存不足的问题,其古朴的古藏文书体也是难得的书法研究素材。唐宋之际,陇右汉藏各族僧俗协同抄写、校勘此经,融藏文书写特色与中原经书规制于一体,充分体现了各民族文化兼容互鉴、共生共荣的特点。历经千年,从各族民众共守文脉到近代学者珍藏捐赠,写本完整呈现了中华文明多元一体的发展格局,承载着各民族共同传承中华优秀传统文化的深厚历史底蕴。
གནའ་དཔེ་ངོ་སྤྲོད།
ཚེ་དཔག་ཏུ་མེད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།
དུས་རབས་དགུ་ནས་བཅུ་བར་གྱི་ཏུན་ཏོང་གི་བྲིས་མ།
རྒྱབ་ཁབ་རྩ་ཆེའི་གནའ་དཔེ་མིང་མཛོད།
བོད་སྐད་དུ་ཚེ་དཔག་ཏུ་མེད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། ནང་བསྟན་ཆོས་ལུགས་ཀྱི་གསུང་རབ་གལ་ཆེན་ཞིག་ཡིན་ལ། སངས་རྒྱས་ཚེ་དཔག་མེད་ཀྱི་མཚན་དང་གཟུངས་སྔགས་ཀྱི་ཕན་ཡོན་གཙོ་བོར་སྟོན་པའི་མདོ་སྡེ་ཞིག་ཡིན། མདོ་འདིའི་ནང་དུ་ཚེ་རིང་བ་དང་། བསོད་ནམས་རྒྱས་པ། མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཐབས་ལམ་རྣམས་གསལ་བར་བསྟན་ཡོད། དེབ་འདི་ནི་ཏུན་ཧོང་ནས་ཐོན་པའི་བོད་བཙན་པོའི་སྐབས་ཀྱི་བྲིས་མ་ཞིག་ཡིན། ད་ལྟ་ཀན་སུའུ་ཞིང་ཆེན་དཔེ་མཛོད་ཁང་དུ་གཉེར་ཡོད། རྒྱབ་ཁབ་རྩ་ཆེའི་གནའ་དཔེ་མིང་མཛོད་ཁག་བཞི་བའི་ནང་དུ་ཚུད། ཨང་རྟགས་11082ཡིན། དེབ་འདི་སྲོལ་རྒྱུན་གྱི་སྣ་རིང་དང་མི་འདྲ་བར་སྒྲིལ་མའི་བྲིས་མ་ཞིག་ཡིན། སྤྱིའི་རིང་ཚད་ལ་ལི་སྨི་160དང་། མཐོ་ཚད་ལ་ལི་སྨི་31ཡིན། དབུ་ཅན་གྱི་སྐྱ་བྲིས་ཞིག་ཡིན། ཆོས་ཚན་གཅིག་བྲིས་ཚར་རྗེས་བྲིས་མཁན་དང་ཞུ་མཁན་སོགས་གསལ་བོ་བཀོད་འདུག་ཏེ། དཔེར་ན། GL.t.0019རུ་ཕུག་འགི་ཞུས།། དཔལ་མཆོག་ཡང་ཞུས། འགོ་མདོ་བརྩན་བྲིས་སོ། ཕབ་ཛང་སུམ་ཞུས་ཞེས་བཀོད་ཡོད།
ད་རུང་དེབ་ངོས་སུ་ཐམ་ག་མང་པོ་ཡོད་པ་སོགས་ལས་གཉེར་ཚགས་ཀྱི་རྒྱུད་རིམ་གསལ་བོ་ཞིག་ཤེས་ཐུབ་པ་མ་ཟད། དེབ་མཇུག་ཏུ་ཏེང་ལུང་(邓隆)གིས་སྤྱི་ལོ་1928ལོར་བྲིས་པའི་མཇུག་བྱང་ཡོད་ཅིང་། བྲིས་མ་འདི་ཐོག་མར་ཏེང་ལུང་(邓隆)གིས་སྒེར་ཉར་བྱས་པ་དང་། རྗེས་སུ་ཁོང་གིས་ཀན་སུའུ་ཞིང་ཆེན་སྤྱི་གཉེར་དཔེ་མཛོད་ཁང་ལ་ཕུལ་ནས་ཉར་ཚགས་བྱས། ཐམ་གའི་བདག་པོ་རྣམས་ནི་དེང་རབས་ནུབ་བྱང་གི་མཁས་པ་དང་བརྟག་དཔྱད་ཉར་ཚགས་མཁན་གྲགས་ཅན་ཤ་སྟག་ཡིན། ཐམ་ག་དང་མཇུག་བྱང་གིས་ཡིག་རྙིང་འདིའི་ཉར་ཚགས་ལོ་རྒྱུས་ཀྱི་དཔང་པོ་བྱས་པ་མ་ཟད། དེར་རིག་གཞུང་དང་བརྟག་དཔྱད་ཉར་ཚགས་ཀྱི་རིན་ཐང་གལ་ཆེན་ཡོད།
ཏུན་ཧོང་ཡིག་རྙིང་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ཆ་ནས་ཞིབ་འཇུག་གི་རིན་ཐང་ཆེ་ལ། སྐབས་དེའི་བོད་ཀྱི་གསུང་རབ་ཞུ་དག་གི་ལམ་ལུགས་དང་། ཡིག་གཟུགས་ཀྱི་ཁྱད་ཆོས་རྣམས་གསལ་བོར་མཚོན་ཐུབ། བོད་ཀྱི་ཡིག་གཟུགས་རིག་པ་དང་། ལོ་ཙཱའི་ལོ་རྒྱུས་ཞིབ་འཇུག་བྱེད་པར་མེད་དུ་མི་རུང་བའི་དཔྱད་གཞིའི་ཡིག་ཆ་ཞིག་ཡིན་པ་མ་ཟད། རྒྱབ་ཁབ་རྩ་ཆེའི་གནའ་དཔེ་མིང་མཛོད་དུ་ཚུད་པ་ནི། ཀྲུང་གོའི་སྲིད་གཞུང་གིས་བོད་ཀྱི་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་པར་མཐོང་ཆེན་བྱེད་བཞིན་ཡོད་པའི་མཚོན་རྟགས་ཤིག་ཡིན། འདི་ལྟ་བུའི་རིག་གནས་ཤུལ་བཞག་གིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཟོ་བར་ནུས་པ་གལ་ཆེན་ཐོན་ཡོད།
མདོར་ན། བྲིས་མ་འདི་ནི་བོད་ཀྱི་རིག་གནས་ཀྱི་ནོར་བུ་ཞིག་ཡིན་པ་མ་ཟད། ཀྲུང་གོའི་རིག་གནས་སྤྱི་ཡོངས་ཀྱི་ཆ་ཤས་གལ་ཆེན་ཞིག་ཀྱང་ཡིན། དེ་ནི་ང་ཚོས་མི་རིགས་མཐུན་སྒྲིལ་དང་རིག་གནས་རྒྱུན་འཛིན་བྱེད་པའི་ཐད་ཀྱི་དཔང་རྟགས་གལ་ཆེན་ཞིག་ཏུ་གྱུར་ཡོད།



文/周毛克 图/刘芃泽

手机+密码登录
还没有账号?
立即注册